- མདུན་ངོས།
- སྒྱུ་རྩལ།
སྒྱུ་རྩལ།
Tue 10 Oct 2017
སྒྲོལ་མ།
གནའ་དེང་ཟུང་དུ་འབྲེལ་བའི་བཟོ་བཀོད་ཀྱི་ཁྱད་ཆོས་ལྡན་པའི་རྗེ་བཙུན་སྒྲོལ་མའི་སྐུ་བརྙན་འདི་ནགས་ཤོད་པ་འབྲི་རུ་སྐལ་བཟང་རྒྱལ་མཚན་གྱིས་རབ་གནས་ཆུ་འབྲུག །ཕྱི་ལོ་ ༢༠༡༢ ལོར་བཞེངས་བསྐྲུན་བགྱིས་པའོ། ། རྗེ་བཙུན་སྒྲོལ་མ་ཞེས་པ་ནི་འཇིགས་པ་བརྒྱད་ལས་སྒྲོལ་བའི་ཆ་ནས་བཏགས་པའི་ཡི་དམ་ལྷ་མོའི་རིགས་ཤིག་སྟེ། སྔོ་ལྗང་ཞལ་གཅིག་ཕྱག་གཉིས་མྱུར་ཞི་མ།།ཡུམ་གྱུར་ཨཏྤལ་བསྣམས་པའི་བཀྲ་ཤིས་ཤོག །ཅེས་པ་ལྟར། འདི་ནི་ཡོངས་གྲགས་སུ་སྒྲོལ་མ་སྔོ་མོའམ་སྒྲོལ་ལྗང་ཞེས་པ་དེའོ། རྒྱལ་ཀུན་འཕྲིན་ལས་རང་གཟུགས་སྒྱུ་མའི་གར། །བཅུ་དྲུག་ལང་ཚོས་སྒེག་པའི་འཛུམ་བག་ཅན། །ཡིད་འཕྲོག་ལྟ་ན་སྡུག་པའི་རྗེ་བཙུན་མས། །མཆོག་ཐུན་དངོས་གྲུབ་སྒྲུབ་པའི་འཕྲིན་ལས་མཛོད།།
སྡེ་ཚན
སྒྱུ་རྩལ།
Sun 08 Oct 2017
རྗེ་ཙོང་ཁ་པ།
གནའ་དེང་ཟུང་དུ་འབྲེལ་བའི་བཟོ་བཀོད་ཀྱི་ཁྱད་ཆོས་ལྡན་པའི་སྐུ་བརྙན་འདི་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའོ། ཁོང་ལོར་མདོ་སྨད་ཙོང་ཁའི་ཡུལ་དུ་ཡབ་ད་ར་ཁ་ཆེ་ཀླུ་འབུམ་དགེ་དང་ཡུམ་ཤིང་བཟའ་ཨ་ཆོས་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་བདུན་ལ་རབ་ཏུ་བྱུང་བ་དང༌། བཅུ་དྲུག་ལ་དབུས་སུ་ཕེབས། མདོ་སྔགས་རིག་གནས་དང་བཅས་པ་ལ་ཐོས་བསམ་སྒོམ་པའི་ཕ་མཐར་སོན། དགའ་ལྡན་རྣམ་པར་རྒྱལ་བའི་གླིང་བཏབ། སེར་འབྲས་དང་རྒྱུད་གྲྭ་སྟོད་སྨད་འཛུགས་པའི་བཀོད་པ་མཛད། ལམ་རིམ་དང་སྔགས་རིམ་སོགས་ལེགས་བཤད་ཀྱི་གསུང་རྩོམ་རྒྱ་ཆེར་སྤེལ། རྒྱལ་ཚབ་རྗེ་དང༌། མཁས་གྲུབ་རྗེ། དགེ་འདུན་གྲུབ་སོགས་སློབ་མ་མང་པོ་བསྐྱངས།
སྡེ་ཚན
སྒྱུ་རྩལ།
Thu 05 Oct 2017
མེ་ལོང་གདོང་།
འབྲི་རུ་སྐལ་བཟང་རྒྱལ་མཚན་གྱིས་བཟོ་བཀོད་བྱས་པའི་སྐུ་བརྙན་འདི་སྤྲུལ་པའི་ཆོས་རྒྱལ་ཆེན་པོ་དགེ་བསྙེན་མེ་ལོང་ངོ་། མེ་ལོང་གདོང་ནི་འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཤར་རྒྱལ་བ་ཙོང་ཁ་པ་ཆེན་པོའི་དངོས་སློབ་ཞང་ཞུང་པ་ཆོས་དབང་གྲགས་པས་བསྟན་པ་དང་འགྲོ་བའི་དོན་མཛད་པ་ལ། གདོང་གྲོགས་དང་འཕྲིན་ལས་སྒྲུབ་པར་དུས་སུ་སྨིན་པའི་བཀའ་སྲུང་ཞིག་རེད།
སྡེ་ཚན
སྒྱུ་རྩལ།
སྒྱུ་རྩལ།
སྒྲོལ་མ།
གནའ་དེང་ཟུང་དུ་འབྲེལ་བའི་བཟོ་བཀོད་ཀྱི་ཁྱད་ཆོས་ལྡན་པའི་རྗེ་བཙུན་སྒྲོལ་མའི་སྐུ་བརྙ... རྒྱས་པར་གཟིགས་་་
Data: 10-10-2017 | ཀློག་གྲངས། 3048
རྗེ་ཙོང་ཁ་པ།
གནའ་དེང་ཟུང་དུ་འབྲེལ་བའི་བཟོ་བཀོད་ཀྱི་ཁྱད་ཆོས་ལྡན་པའི་སྐུ་བརྙན་འདི་ཁམས་གསུམ་ཆོས་... རྒྱས་པར་གཟིགས་་་
Data: 08-10-2017 | ཀློག་གྲངས། 2354
མེ་ལོང་གདོང་།
འབྲི་རུ་སྐལ་བཟང་རྒྱལ་མཚན་གྱིས་བཟོ་བཀོད་བྱས་པའི་སྐུ་བརྙན་འདི་སྤྲུལ་པའི་ཆོས་རྒྱལ་ཆ…
མཆན་གསར་ཤོས།
- ད་ལྟའི་ཆར་འཛམ་གླིང་འདིའི་ཐོག་ཅ་དངོས་གསར་པ་རི་ལུག་པར་ཐ་སྙད་གསར་པའི་ཐག་པས་སྡོམ་ཐབས་མེད་པའི་དུས་འདིར། ང་ཚོར་གངས་རིས་བསྐོར་བའི་དག་ཞིང་དུ་དག་སྣང་སྒོམ་ནས་ཨུ་ཚུགས་ཀྱིས་ཟུར་སྡོད་བྱེད་ས་མེད་པར་བརྟེན།… རྩོམ་པ་པོ། : karma on Thu 12 Oct 2017 ཐ་སྙད་གསར་པ་ནི་བོད་མི་རིགས་ནག་ཁུང་ནས་ནག་ཁུང་དུ་འཁྲིད་བྱེད་ཀྱི་སྣ་ཐག་ཅིག་རེད། (དཔྱད་རྩོམ།)
མཆན་མང་ཤོད།
-
ཐ་སྙད་གསར་པ་ནི་བོད་མི་རིགས་ནག་ཁུང་ནས་ནག་ཁུང་དུ་འཁྲིད་བྱེད་ཀྱི་སྣ་ཐག་ཅིག་རེད།
རྩོམ་པ་པོ། འབྲི་རུ་སྐལ་བཟང་རྒྱལ་མཚན། …Written on Wed 11 Oct 2017 དཔྱད་རྩོམ། 1 དཔྱད་མཆན། རྩོམ་ཡིག་འདི་ཐེངས་ 7886 བཀླགས་འདུག