Sun 15 Oct 2017
དབྱངས་ཅན་མར་བསྟོད་པ།
རྩོམ་པ་པོ། འབྲི་རུ་སྐལ་བཟང་རྒྱལ་མཚན།
མཚོ་བྱུང་དགོད་པའི་སྙན་དབྱངས།
ཕ་རོལ་མི་མངོན་རྡུལ་གྱི་ཁ་ལོས་ཤུགས་ཀྱིས་བསྐྱོད་པའི་རླབས་ཕྲེང་ལས། །
བརྟན་གཡོའི་སྒྲ་སྐད་དབྱངས་སུ་གྱེར་བས་ཚངས་ཆེན་ཡིད་ཀྱི་བརྟན་པ་འཕྲོག །
སྲིད་ཞིའི་མཛེས་སྡུག་གཅིག་ཏུ་སྡུད་པ་རྒྱལ་ཀུན་མཁྱེན་བརྩེའི་སྒྱུ་འཕྲུལ་གར། །
ཀུན་སྒྲོག་སྙན་དབྱངས་སྐུ་རུ་ཤར་བ་ཚངས་པའི་བུ་མོ་ཡིད་འཕྲོག་མ། །
མཐིང་སྔོན་རལ་པ་ཕྱེད་ནི་ཟུར་ཕུད་ལྷག་མ་གཡས་གཡོན་རིང་དུ་འཕྱང་། །
མུ་ཏིག་དྲ་བས་ཐོར་ཅོག་བཅིངས་ཤིང་ཆུ་ཡི་ལང་ཚོས་མཛེས་པར་སྤུད། །
བཞིན་རས་དཀར་ལ་དམར་མདངས་འཚེར་ཞིང་རེག་ན་འཇམ་པའི་རེག་བྱ་སྟེར། །
ཆུ་སྐྱེས་བཞིན་དུ་སྐྱོན་གྱིས་མ་གོས་འདབ་སྟོང་པད་དཀར་བཞད་པའི་ཀློང་། །
མཁྱེན་པའི་སྤྱན་དཀྱུས་འཛུམ་པའི་མུད་ལ་ཇི་སྙེད་ཤེས་བྱའི་ཆོས་ཀུན་མཇལ། །
བརྩེ་བས་མ་ཡི་རྗེས་སུ་ཆགས་པའི་མཆུ་སྒྲོས་གེ་སར་དགོད་པའི་དབུས། །
ནུས་པའི་ལྗགས་ཀྱི་ཟེར་འབྲུ་ལས་སྐྱེས་ལེགས་བཤད་སྦྲང་རྩིའི་ཐིག་ལེ་ཡི། །
ལུས་ཅན་རྐང་དྲུག་བྱང་གྲོལ་མགྲོན་ལ་བསུ་བའི་མཚོ་བྱུང་ཡིད་འཕྲོག་མ། །
མཉེན་ལྕུག་འཁྲི་ཤིང་དལ་བུས་བསྐྱོད་བཞིན་འཇམ་མཉེན་ཕྱག་གི་འདུ་བྱེད་ཀྱི། །
སོར་མོས་རྡུང་པའི་རྒྱུད་སྟོང་སྒྲ་དབྱངས་སྙན་པར་རབ་སྒྲོག་དྲུག་བཅུའི་དབྱངས།།
སྐབས་གསུམ་པ་དང་དྲི་ཟ་ལ་སོགས་སུ་ཡི་རྣ་པར་སོང་བའི་མུད།།
དབང་པོའི་ཁམས་དང་མོས་པར་འཚམས་པ་ཆོས་ཀྱི་སྒྲ་ནི་ལེགས་པར་འདོམས། །
སྐུ་སྟོད་ལྷ་རྫས་སྲབ་འཇམ་ཡངས་པ་དུ་ཀཱུ་ལ་ཡི་གོས་བཟང་ཕག །
ལང་ཚོའི་མཚན་མ་ཟུང་གཅིག་འབར་བ་གང་གི་མིག་ལམ་སོང་བ་ཡི། །
ཆགས་ལྡན་ཚོགས་རྣམ་བདེ་བས་མྱོས་ཤིང་དུག་གསུམ་སྡུག་བསྔལ་ཞི་མཛད་མ། །
ཅི་འདོད་འགྲོ་བའི་རེ་བ་སྐོང་ཞིང་རྟག་ཏུ་དགྱེས་པའི་འཛུམ་བག་ཅན། །
སྟ་ཟུར་ངོས་ནི་ཅུང་ཟད་རྒྱས་ཤིང་པཉྩ་ལི་ཀའི་ཤ་ཐབས་མཛེས། །
འཇོ་སྒེག་ཉམས་ཀྱིས་རབ་ཏུ་འགྱིང་ལ་ཕྲ་ཞིང་ལྡེམ་པའི་སྐེད་སྐབས་ཅན། །
རྗེས་ཆགས་འགྲོ་ལ་བརྩེ་བའི་ཟུར་མིག་དུས་ཀྱི་རླབས་བཞིན་ཡོལ་བ་མེད། །
ཙོག་པུར་སྟབས་ཀྱིས་བརྒྱད་གཉིས་ལང་ཚོར་ཡིད་འོང་སྒེག་པའི་ཉམས་ཀྱི་མཛེས། །
དྲུག་བཅུའི་རྔ་སངས་མགྲིན་པར་འཁྲོལ་བས་ལྗོན་པའི་རྟ་མགོ་ཕག་ཏུ་ཡིབ། །
ལྷ་དང་ལྷ་མིན་དྲི་ཟའི་སྒེག་མོས་ཁྱོད་ལ་ཕྱོགས་ཀྱང་ མགོ་བོ་སྨད། །
གང་གི་མཚན་ཙམ་དྲན་པའི་མུད་ལ་ངག་གི་དབང་པོ་མཆོག་སྩོལ་བའི། །
ལྷ་མོས་བདག་ལ་དགྱེས་པའི་ཚུལ་གྱིས་ཟབ་གསལ་མྱུང་བའི་ཤེས་རབ་སྩོལ། །
རྩོམ་ཡིག་འདི་ཐེངས་ 7683 བཀླགས་འདུག
མཐའ་མའི་བསྐྱར་བཅོས། Sun 15 Oct 2017
སྡེ་ཚན
སྙན་རྩོམ།
ནང་གསེས་དབྱེ་འབྱེད།
གསར་ཤོས་དག : འབྲི་ཚང་།
འབྲེལ་ཡོད་དག
སྡེ་ཚན་འདིའི་ནང་ད་དུང་རྩོམ་ཡིག་མང་
« མངོན་བསྟོད་ལྷ་ཡི་རྔ་གསང་།
སྐྱབས་རྗེ་ཆོས་ལྡན་རིན་པོ་ཆེའི་ཞབས་བརྟན། »
དཔྱད་མཆན་འགོད་ས།
རྣམ་དཔྱོད་མཚུངས་མེད་ཀློག་པ་པོ་རྣམ་པས་འབྲི་རུ་སྐལ་བཟང་རྒྱལ་མཚན་གྱི་ཡིག་ཚགས་ལ་དཔྱད་མཆན་སྤེལ་བ་གུས་བསུ་ཞུ། ཡིན་ན་ཡང་སྤྱི་སྒེར་གང་ལ་ཕན་མེད་ཀྱི་དམོད་ཚིག་སོགས་བཀག་འགོག་གི་དབང་ཚད་དྲ་བདག་ལ་ཡོད་པས་དེ་དོན་དགོངས་དབྱིངས་སུ་མངའ་བ་མཁྱེན།
གཤམ་གྱི་སྐར་རྟགས་ཡོད་པའི་བར་སྟོང་རྣམས་ངེས་པར་འགེང་དགོས།
སྙན་རྩོམ།
འཚམས་འདྲིའི་སློང་ཡང་།
རྩོམ་པ་པོ། འབྲི་ཁེར་རྐྱང་། འཚམས་འདྲིའི་སློང་ཡང་། ... རྒྱས་པར་གཟིགས་་་
Data: 01-12-2017 | ཀློག་གྲངས། 7592
དགེ་བཤེས་ལྷ་རམས་པ་ནགས་ཤོད་སྐལ་རྒྱན།
རྩོམ་པ་པོ། འབྲི་རུ་སྐལ་བཟང་རྒྱལ་མཚན། མངོན་བསྟོད་སྙིམ་པའི་མེ་ཏོག ། ... རྒྱས་པར་གཟིགས་་་
Data: 28-11-2017 | ཀློག་གྲངས། 8117
སྐྱབས་རྗེ་ཆོས་ལྡན་རིན་པོ་ཆེའི་ཞབས་བརྟན།
རྩོམ་པ་པོ། འབྲི་རུ་སྐལ་བཟང་རྒྱལ་མཚན། ཞབས་བརྟན་གསོལ་འདེབས་འཆི་མེད་བདུད་རྩིའི་བུམ…
དབྱངས་ཅན་མར་བསྟོད་པ།
རྩོམ་པ་པོ། འབྲི་རུ་སྐལ་བཟང་རྒྱལ་མཚན། མཚོ་བྱུང་དགོད་པའི་སྙན་དབྱངས། ཕ་རོལ་མི་མངོ…
མཆན་གསར་ཤོས།
- ད་ལྟའི་ཆར་འཛམ་གླིང་འདིའི་ཐོག་ཅ་དངོས་གསར་པ་རི་ལུག་པར་ཐ་སྙད་གསར་པའི་ཐག་པས་སྡོམ་ཐབས་མེད་པའི་དུས་འདིར། ང་ཚོར་གངས་རིས་བསྐོར་བའི་དག་ཞིང་དུ་དག་སྣང་སྒོམ་ནས་ཨུ་ཚུགས་ཀྱིས་ཟུར་སྡོད་བྱེད་ས་མེད་པར་བརྟེན།… རྩོམ་པ་པོ། : karma on Thu 12 Oct 2017 ཐ་སྙད་གསར་པ་ནི་བོད་མི་རིགས་ནག་ཁུང་ནས་ནག་ཁུང་དུ་འཁྲིད་བྱེད་ཀྱི་སྣ་ཐག་ཅིག་རེད། (དཔྱད་རྩོམ།)
མཆན་མང་ཤོད།
-
ཐ་སྙད་གསར་པ་ནི་བོད་མི་རིགས་ནག་ཁུང་ནས་ནག་ཁུང་དུ་འཁྲིད་བྱེད་ཀྱི་སྣ་ཐག་ཅིག་རེད།
རྩོམ་པ་པོ། འབྲི་རུ་སྐལ་བཟང་རྒྱལ་མཚན། …Written on Wed 11 Oct 2017 དཔྱད་རྩོམ། 1 དཔྱད་མཆན། རྩོམ་ཡིག་འདི་ཐེངས་ 7887 བཀླགས་འདུག